ཚད་རིམ་དང་པོའི་ཁུངས་སྣེ། དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་དང་མི་དང་རྒྱུ་ནོར་གྱི་གྱོང་གུད་སྔོན་འགོག་བྱེད་པར་ནུས་པ་ཆེན་པོ་ཐོན་པ་དང་བྱས་རྗེས་ཆེན་པོ་ཡོད་པའི་ཁུངས་སྣེ།
ཚད་རིམ་གཉིས་པའི་ཁུངས་སྣེ། དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་སྔོན་འགོག་བྱེད་པར་ནུས་པ་ཅུང་ཆེན་པོ་ཐོན་པའི་ཁུངས་སྣེ།
ཚད་རིམ་གསུམ་པའི་ཁུངས་སྣེ། དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་དང་མི་དང་རྒྱུ་ནོར་གྱི་གྱོང་གུད་སྔོན་འགོག་བྱེད་པར་ནུས་པ་ངེས་ཅན་ཐོན་པའི་ཁུངས་སྣེ།
ལྔ་བ། དྲག་ཤུགས་འཇིགས་སྐུལ་སྔོན་འགོག་གི་བྱ་དགའ་དེ་དངོས་ཟོག་གི་རྣམ་པས་ཁུངས་སྣེའི་དཔྱད་ཞིབ་ཚད་རིམ་བཞིན་བྱ་དགའི་དངུལ་སྟེར་རྒྱུ་ཡིན།
ཚད་མཐོའི་ཁུངས་སྣེ། སྒོར200000ལས་མང་བ་དང་སྒོར500000ལས་ཉུང་བའི་རྩ་དོན་གཞིར་བཟུང་ནས་ཕན་ནུས་དངོས་ལ་བརྟག་སྟེ་མཐའ་མཇུག་གི་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱེད་པ་ཡིན།
ཚད་རིམ་དང་པོའི་ཁུངས་སྣེ། སྒོར100000ལས་མང་བ་དང་སྒོར200000ལས་ཉུང་བའི་རྩ་དོན་གཞིར་བཟུང་ནས་ཕན་ནུས་དངོས་ལ་བརྟག་སྟེ་མཐའ་མཇུག་གི་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱེད་པ་ཡིན།
ཚད་རིམ་གཉིས་པའི་ཁུངས་སྣེ། སྒོར50000ལས་མང་བ་དང་སྒོར100000ལས་ཉུང་བའི་རྩ་དོན་གཞིར་བཟུང་ནས་ཕན་ནུས་དངོས་ལ་བརྟག་སྟེ་མཐའ་མཇུག་གི་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱེད་པ་ཡིན།
ཚད་རིམ་གསུམ་པའི་ཁུངས་སྣེ། སྒོར10000ལས་མང་བ་དང་སྒོར50000ལས་ཉུང་བའི་རྩ་དོན་གཞིར་བཟུང་ནས་ཕན་ནུས་དངོས་ལ་བརྟག་སྟེ་མཐའ་མཇུག་གི་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱེད་པ་ཡིན།དམིགས་བསལ་ཅན་གྱི་ཁུངས་སྣེའི་བྱ་དགའི་དངུལ་གྲངས་ལ་གོང་གསལ་གྱི་ཚད་བཀག་དེ་དག་མེད།
དྲུག་པ།འཇིགས་སྐུལ་དང་དྲག་ཤུགས་ཀྱི་ཁུངས་སྣེ་ལ་དཔྱད་ཞིབ་དང་བྱ་དགའ་སྟེར་བའི་བྱ་བ་དེ་རྩ་དོན་གྱི་སྟེང་ནས་ལོ་ཕྱེད་རེར་ཐེངས་གཅིག་རེ་རྩ་འཛུགས་བྱེད་པ་ཡིན་མོད།དམིགས་བསལ་ཅན་གྱི་ཁུངས་སྣེར་ཡུལ་དུས་ཀྱི་ཚད་བཀག་མེད་པར་དཔྱད་ཞིབ་བྱས་ནས་བྱ་དགའ་བྱིན་ཆོག
བདུན་པ།མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཁུངས་སྣེ་དེ་བྱ་དགའ་སྟེར་བའི་ཚད་གཞི་དང་མཐུན་ཚེ།ཞུ་གཏུག་བྱེད་སའི་སྤྱི་བདེ་ལས་ཁུངས་ཀྱིས་ཞུ་གཏུག་མཁན་ལ་བྱ་དགའ་ལེན་པའི་བརྡ་གཏོང་ངེས་ཤིང་།གལ་ཏེ་བརྡ་མ་འཕྲོད་ན་ཞུ་གཏུག་བྱས་པའི་ཁུངས་སྣེ་དེ་བྱ་དགའི་ཚད་གཞི་དང་མ་མཐུན་པས་བྱ་དགའ་མ་ཐོབ་པ་ཡིན།ཞུ་གཏུག་བྱེད་མཁན་གྱི་མིང་མི་གསལ་བའི་ཁུངས་སྣེ་དག་བྱ་དགའི་ཁྱབ་ཁོངས་སུ་མི་འདུ།ཞུ་གཏུག་ཁུངས་སྣེ་དེ་གསང་བའི་བྱ་བ་དང་འབྲེལ་བ་ཡོད་ཚེ་མང་ཚོགས་ཀྱིས་བྱ་དགའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ལན་མི་འདེབས།