
མདའ་བཞི་རྫོང་སྤྱི་བདེ་ཅུས་《མཚོ་སྔོན་གྱི་མང་ཚོགས་ཀྱིས་འཇིགས་སྐུལ་དང་དྲག་ཤུགས་ཀྱི་དོགས་གཞིའི་ཁུངས་སྣེ་ཞུ་གཏུག་བྱས་ན་བྱ་དགའ་སྟེར་བའི་བྱེད་ཐབས་》སྐོར་གྱི་སྤྱི་བསྒྲགས།
海晏县公安局关于《青海省群众举报涉恐涉暴线索奖励办法》的
公告དང་པོ །སྤྱི་བདེ་ལས་ཁུངས་ཀྱི་ཆེད་ལས་བྱ་བ་དང་མང་ཚོགས་ལམ་ཕྱོགས་བྱ་བ་གཉིས་ནུས་ལྡན་སྒོས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་།སྤྱི་དམངས་ཀྱི་འཇིགས་རྒོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།མང་ཚོགས་ཀྱིས་འཇིགས་སྐུལ་དང་དྲག་ཤུགས་ཀྱི་དོགས་གཞིའི་ཁུངས་སྣེ་ཞུ་གཏུག་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་ཆེད།རང་ཞིང་གི་དངོས་བབ་ལ་གཞིགས་ནས་བྱེད་ཐབས་འདི་གཏན་འཁེལ་བྱས་པ་ཡིན།
གཉིས་པ།འཇིགས་སྐུལ་བྱ་འགུལ་ལ་འཆར་གཞི་འགོད་པ་དང་།རྩ་འཛུགས་བྱེད་པ།ལག་བསྟར་བྱེད་པ།ཡང་ན་ལག་བསྟར་བྱེད་པར་སྐུལ་མ་གཏོང་བ།ད་དུང་འབྲེལ་ཡོད་ཀྱི་དོགས་ཡོད་མི་སྣ་དང་བྱ་དངོས་བཅས་འཇིགས་སྐུལ་དང་དྲག་ཤུགས་ཀྱི་དོགས་གཞིའི་ཁུངས་སྣེར་འདུ།ཁུངས་སྣེ་ཞུ་གཏུག་དང་ལེན་བྱེད་པ་དང་ཞིབ་དཔྱད་བྱེད་པ།བྱ་དགའ་སྟེར་བ་བཅས་ཀྱི་བྱ་བ་ནི་གྲོང་ཁྱེར་དང་ཁུལ།རྫོང་།ས་ཁུལ་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་རྩ་འཛུགས་དང་ལག་བསྟར་བྱེད་པ་ཡིན།
གསུམ་པ། མང་ཚོགས་ཀྱིས་འཇིགས་སྐུལ་དང་དྲག་ཤུགས་ཀྱི་ཁུངས་སྣེ་གསར་བ་རྙེད་ཚེ་གཤམ་གྱི་འབྲེལ་ལམ་དག་བརྒྱུད་ནས་ཞུ་གཏུག་བྱས་ཆོག
གཅིག 110ལ་ཁ་པར་བཏང་ནས་ཞུ་གཏུག་བྱེད་པ།
གཉིས། མཚོ་སྔོན་ཞིང་ཆེན་སྤྱི་བདེ12110འཕྲིན་ཐུང་ཞུ་གཏུག་སྟེགས་བུ་བརྒྱུད་དེ་འཕྲིན་ཐུང་གི་ལམ་ནས་ཞུ་གཏུག་བྱེད་པ།
གསུམ། གྲོང་ཁྱེར་དང་ཁུལ།རྫོང་།ས་ཁུལ་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བསྒྲགས་པའི་ཁ་པར་དང་འཕྲིན་ཐུང་གི་ཐབས་ལམ་སྤྱད་ནས་ཞུ་གཏུག་བྱེད་པ།
བཞི། འཕྲིན་ཡིག་གི་ལམ་ནས་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱེད་པ།
ལྔ། དངོས་སུ་སྤྱི་བདེ་ལས་ཁུངས་ལ་འགྲོ་བའམ་སྤྱི་བདེའི་ཉེན་རྟོག་པར་དངོས་སུ་བཤད་ནས་ཞུ་གཏུག་བྱེད་པ་བཅས་སོ།།
བཞི་བ། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཁུངས་སྣེ་ཡི་བྱེད་ནུས་དང་མཇུག་འབྲས་ལ་བརྟག་དཔྱད་བྱས་ཏེ་ཁུངས་སྣེའི་ཚད་རིམ་གཏན་འཁེལ་བྱ་རྒྱུ་ཡིན།
ཚད་མཐོའི་ཁུངས་སྣེ། དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་དང་མི་དང་རྒྱུ་ནོར་གྱི་གྱོང་གུད་སྔོན་འགོག་བྱེད་པར་ནུས་པ་ཧ་ཅང་ཆེན་པོ་ཐོན་པ་དང་བྱས་རྗེས་ཁྱད་པར་ཅན་ཡོད་པའི་ཁུངས་སྣེ།